A National Buddhist Memorial Ceremony for Asian American Ancestors

Saturday, March 16th, 2024

Please share widely with Tibetan American Buddhist communities: www.maywegather.org (#MayWeGather: a National Buddhist Memorial Ceremony for Asian American Ancestors)

སྐུ་མགྲོན་གདན་ཞུའི་གསལ་བསྒྲགས། ༼ May We Gather ༽ཞེས་པ་འདི་ནི། ཨ་རི་ལ་བཞུགས་པའི་ཨེ་ཤི་ཡའི་ནང་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་ཚོའི་རྒྱལ་བསྟན་འཛིན་སྐྱོང་གནང་ཚུལ་ལ་ཡིད་རངས་དང་གུས་བརྩི་ཞུ་རྒྱུ་དང་། ང་ཚོ་ཨེ་ཤི་ཡའི་མི་རིགས་ཤར་ཕྱོགས་ Atlanta ནས་ནུབ་ San Francisco ་བར་ཀྱི་ཨ་རིའི་ལུང་པ་ལ་གནས་སྡོད་བྱེད་མཁན་ཚོའི། དུས་རབས་བཅུ་དགུ་པ་ནས་ཉེར་གཅིག་བར་གྱི་ཉམས་ཆུང་གི་འཚོ་བའི་བརྒྱུད་རིམ་ལ་དཀའ་སྡུག་དང་གཉའ་གནོན་གྱི་གནས་སྟངས། མ་ཟད་ནང་མི་འདས་བགྲོངས་སོགས་ཀྱི་སྐོར་ཕན་ཚུན་ཉམས་མྱོང་རྒྱུས་ལོན་བྱེད་རྒྱུ་ནི་ལས་མགུལ་འདིའི་དགོས་དོན་ཡིན།  མཛད་སྒོ་དངོས་སུ་འཚོགས་ཡུལ། Antioch, California on March 16, 2024  ནང་བསྟན་འཛིན་པའི་བླ་སྤྲུལ་མཁན་གསུམ་གང་ན་སུ་བཞུག་པ་དང་། ཆོས་རྒྱུད་དང་སྐད་ཡིག་ཡུལ་སྲོལ་མི་འདྲ་བའི་ཆོས་གྲོགས། འབར་མ། ཁེམ་བྷོ་ཌི་ཡ། རྒྱ་ནག འཇའ་ཕན། ཀོ་རེ་ཡ། ལོའུ། ཤྲི་རི་གླིང་ག ཐེ་ཝན། བོད། ཝེ་ཌི་ནམ་སོགས་ཀྱི་མཚོན། ཕྱོགས་བཅུའི་དགེ་འདུན་པ་དང་མི་སེར་ཀུན་ལ་འབོད་བསྐུལ་དང་གདན་ཞུ། གཞན་ཡང་དངོས་སུ་མཉམ་ཞུགས་བྱེད་མི་ཐུབ་མཁན་རྣམས་ནི་རླུང་འཕྲིན་དང་ཡོའུ་ཐུབ་ནང་ནས་བྱོན་རོགས། May We Gather YouTube channel at 1pm (PDT) / 4pm (EDT) on March 16, 2024. ཐོ་འགོད་བྱེད་ཡུལ། www.maywegather.org. ཕན་ཚུན་བརྒྱུད་བསྐུལ་དང་མཉམ་ཞུགས་བྱེད་ཐུབ་པའི་འབོད་བསྐུལ་སྙིང་ནས་ཞུ།